དཔེ་དེབ།

འབྲི་གུང་ཚོགས་ཆོས་ཆེན་མོ།

དཔེ་དེབ་གསར་ཐོན།
༧སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་།
འབྲི་གུང་ཚོགས་ཆོས་ཆེན་མོ།

དབྱིན་སྐད་དུ་སྒྱུར་བ་པོ། བསོད་ནམས་སྤིཊཙ།

ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་བྱེད་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་སྤྲུལ་རྒྱལ་བ་འབྲི་གུང་པ་ཆེན་པོ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས། སྐྱོན་བྲལ་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས་གདུལ་བྱ་ཐུན་མོང་གི་ཚོགས་སུ། ཁམས་དང་དབང་པོ་ཇི་བཞིན་མི་ཤེས་ལོག་ཤེས་ཐེ་ཚོམ་གྱི་མུན་པ་སེལ་ཞིང་། བློ་ཡི་པད་མོ་ཁ་འབྱེད་པའི་གསུང་སྒྲོས། ཆོས་རྣམས་ཀྱི་སྣང་ཚུལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གནས་ཚུལ་ངོ་བོ་གདོད་ནས་ཡོད་མེད་སོགས་སྤྲོས་པ་ཀུན་དང་རྣམ་པར་བྲལ་བ། གཉིས་མེད་གཉིས་སུ་མེད་པ་སེམས་ཉིད་འོད་གསལ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ་བརྩམས་ཏེ། མི་འཇིགས་སེངྒེའི་སྒྲ་བོ་ཆེ་རྣམ་པར་བསྒྲགས་པ་ལས་ཅུང་ཟད་ཅིག་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་རང་གཞན་ཀུན་ལ་ཕན་པའི་ཕྱིར་ཕྱོགས་བསྡུས་མཛད་པའོ།།