སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱི་དབུ་ཁྲིད་འོག་འབྲི་གུང་སྒྲ་སྒྱུར་གྱི་ལས་འཆར་ཁག་གཉིས།

༧དཔལ་རྒྱལ་བའི་དབང་པོ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་ཕྲིན་ལས་ལྷུན་གྲུབ་དང་འབྲི་གུང་བཀའ་བརྒྱུད་ཀྱི་སྐོར་ཞིབ་ཕྲ་མཁྱེན་འདོད་ཡོད་ན་དྲ་རྒྱ་ཨ་མ་འདིར་གཟིགས་རོགས་གནང་།

རིན་ཆེན་དཔལ་སྒྲ་སྒྱུར་སྡེ་ཚན།

རིན་ཆེན་དཔལ་སྒྲ་སྒྱུར་ཚོགས་པའི་བགྲོ་གླེང་ཚོགས་ཐེངས་དང་པོ་སྤྱི་ལོ་༢༠༡༧་ལོར་ཐའི་ཝན་གྱི་རྒྱལ་ས་ཐའི་པེ་རུ་འཚོགས། དེ་ནས་བཟུང་ལོ་ལྟར་འཛམ་གླིང་ཡུལ་གྲུ་སོ་སོར་བགྲོ་གླིང་འཚོགས་ནས་མི་རིང་བར་སྒྲ་སྒྱུར་ཚོགས་པ་འདི་གསར་འཛུགས་བྱུང་། འབྲི་གུང་བཀའ་བརྒྱུད་ཀྱི་དགོན་སྡེ་རྣམས་སུ་བཀོལ་སྤྱོད་ཡོད་པའི་འདོན་ཆོག་རྣམས་དང་དེ་དག་སྒྲ་སྒྱུར་བཅས་གཅིག་འགྱུར་ཡོང་བར་བྱེད་པ་ནི་ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ཡིན།

ད་བར་ང་ཚོའི་ལོ་ཙཱ་བ་རྣམས་ཀྱིས་ཡིག་སྒྱུར་གཙོ་བོ་དབྱིན་སྐད་དུ་གནང་མུས་ཡིན་ན་ཡང་། ལོ་རེ་གཉིས་ནང་ཚུན་རྒྱ་སྐད། ཝེཏ་ནམ་གྱི་སྐད། ཇཱར་མན་གྱི་སྐད་དང་སྤེན་གྱི་སྐད་སོགས་སུའང་བསྒྱུར་འཆར་ཡིན།

རིན་ཆེན་དཔལ་སྒྲ་སྒྱུར་ཚོགས་པའི་བགྲོ་གླེང་ཐོག་མའི་སྐབས་༧འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་རྩ་ཁྲིམས་གསུམ་གཏན་འབེབས་མཛད་པ་འདི་ལྟར།

༡ ཡིག་སྒྱུར་སྐབས་མ་དཔེ་ཀུན་གྱི་ནང་ནས་རྙིང་ཤོས་སམ་ཁུངས་དག་ཤོས་དེ་འདམ་རྒྱུ།

༢ མ་དཔེ་ནང་འཕུལ་རྟེན་སོགས་ཡིག་ནོར་ཡོད་ན་ཞུས་དག་བྱ་རྒྱུ།

༣ ལོ་ཙཱ་བ་རྣམས་ཀྱིས་ཐ་སྙད་བསྒྱུར་བ་རྣམས་འགྱུར་ཐ་དག་ཏུ་གཅིག་མཚུངས་དང་ཡོང་བ་དང་། སྐད་རིགས་གང་དུ་བསྒྱུར་ཡང་སྐད་རིགས་དེའི་འགྲོ་སྟངས་དང་འཚམས་ཤིང་འགྲིག་པར་བྱ་རྒྱུར་ཐུགས་ཟོན་གནང་དགོས་རྒྱུ།

སྤྱི་ལོ་༢༠༡༨ ལོར་༧སྐྱབས་མགོན་ཡིད་བཞིན་ནོར་བུས་མཁན་པོ་དཀོན་མཆོག་བརྟན་འཕེལ་རིན་ཆེན་དཔལ་སྒྲ་སྒྱུར་ཚོགས་པའི་དབུ་འཛིན་ཐོག་མར་བསྐོ་བཞག་གནང་བ་ནས་ད་བར་ཚོགས་པ་འདིའི་ཁོངས་གཏོས་ལོ་ཙཱ་བ་བཅུ་གཉིས་ཙམ་ཡོད།

བི་ཀྲ་མ་ཤཱི་ལ་ཞིབ་འཇུག་དང་སྒྲ་སྒྱུར་སྡེ་ཚན།

ཚོགས་པ་འདི་ཐོག་མར་ཨ་རིར་སྤྱི་ལོ་༢༠༡༡ ལོར་ཊྲེ་སི་སི་ཊེ་ལར་མན་དང་། མེ་གྷན་ཧོ་ཝརཌ་དང་། མཁན་ཆེན་ཉི་མ་རྒྱལ་མཚན་གསུམ་གྱིས་བཙུགས། སྤྱི་ལོ་༢༠༡༥ ནས་ཚོགས་པ་འདིས་ཇཱར་མན་དུ་མི་ལ་རས་པའི་སྒྲུབ་སྡེར་ཕྱག་ལས་གནང་འགོ་བཙུགས་ནས། ད་བར་མཁན་ཆེན་ཉི་མ་རྒྱལ་མཚན་གྱི་ལམ་སྟོན་འོག་དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་འགྲོ་མགོན་ཕག་མོ་གྲུ་པ་དང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པའི་ཡིག་ཆ་འགའ་ཞིག་ལ་ཞིབ་འཇུག་དང་ཡིག་སྒྱུར་བྱས་ཏེ། མགར་ཆེན་ཚོགས་པའི་དཔེ་སྐྲུན་སྡེ་ཚན་གྱི་མཚན་ཐོག་ནས་པར་སྐྲུན་བགྱིས།

ད་ལྟའི་ཆར་ཚོགས་པ་འདི་ནང་རྒྱ་སྐད། དབྱིན་སྐད། ཇཱར་མན་སྐད། ཨུ་རུ་སུའི་སྐད་དང་སྤེན་གྱི་གྱི་སྐད་བཅས་ཀྱི་ལོ་ཙཱ་བ་བདུན་ཙམ་ཡོད། ཡིག་སྒྱུར་སྐབས་ལོ་ཙཱ་བ་མཉམ་ཞུགས་གནང་མཁན་རྣམས་སྡེ་ཁག་སོ་སོར་བྱས་ནས་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་སོ་སོར་ཆོས་ཚན་རེ་རེ་བཤད་ཁྲིད་གནང་རྗེས་ལོ་ཙཱ་བ་རྣམས་ཀྱིས་ཞིབ་འཇུག་དང་སྒྲ་སྒྱུར་གནང་གི་ཡོད།

ལོ་ཙཱ་བ་གང་ཞིག་སློབ་དོད་དགོས་ན་མགར་ཆེན་ཐེབས་རྩ་ཚོགས་པར་འབྲེལ་གཏུགས་གནང་བར་ཞུ་རྒྱུ་དང་། ད་ལྟའི་ཆར་ང་ཚོར་དམིགས་བསལ་སྤེན་སྐད་ཀྱི་ལོ་ཙཱ་བ་ཞིག་དགོས་ཡོད།